OTDO
Old Tibetan Documents Online

insc_Skar

insc_Skar
     
1. Content : The Skar cung inscription
2. Location : Ra ma sgang, 3.2. kilometers southwest of Lhasa
3. Date : reign of Khri lde srong brtsan (779?-815)
4. Condition : in Nor bu gling ka (Takeuchi 1996: 233)
5. Photos / Rubbings :
Richardson (1949: plate X): lines 32-41(42), (1963 [sic. 1973]: plate 17): lines 38-41 (partial): (1985: plate 10): lines 24-35(36), Snellgrove and Richardson (1968: 38): lines 24-36.
6. References :
Richardson (1949: 1973) [*], Tucci (1950: 4-8, 53-54, 104-108) [*], Wang (1982: 151-163) [I. Translit., I. Trans.], Richardson (1985: 72-81) [I. Translit., I. Trans.], Bsod rnams skyid (1984: 106-113) [*], Li and Coblin (1987: 316-331) [I. Translit., I. Trans.].

Transliteration   (Change the Display Format)

(1) འ༄༅༎ འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་ལྡེ་སྲོངའ་བརྩན་འགྱི་རིངའ་
(2) འླ༎ དམ་པའྀ་ཆོས་ཡུན་དུ་བརྟན་བར་གཙིགསའ་
(3) འབརྣན་པ༎ འ་
(4) འ༄༅༎ འཕྲུལ་གྱྀ་ལྷ་བཙན་p'o/ མྱེས། ཁྲྀ་སྲོང་བརྩན་གྱི་
(5) འྲིང་ལ༎ སངས་རྒྱས་ky'-i ཆོས་མཛད་དེ༎ ར་སའི་གཙུག་
(6) འླག་ཁང་ལས་སྩོགས་པ་བརྩྀགས་ཤིང༎ དཀོནའ་མཆོག་
(7) འགསུམ་གྱྀ་རྟེན་བཙུགས་པ་དང༎ མྱེས། ཁྲིའ་འདུས་སྲོང་གྀ་
(8) འྲྀང་ལ༎ གླིང་གྀ་ཁྲི་རྩེ་ལས་སྩོགསའ་པར། གཙུགས་ལག་
(9) ཁང[kha]ng བརྩྀའགས་སྟེ༎ དཀོན་མཆོའག་གསུམ་གྱྀ་རྟེན་བཙུགས་
(10) འཔ་དང༎ མྱེས། ཁྲྀ་ལྡེ་གཙུགའ་བརྩན་གྱྀ་རིང་ལ༎ བྲག་མར་གྱྀ་
(11) འཀྭ་ཅུ་དང་མཆྀངའ་ཕུར་གཙུག་ལག་ཁང་བརྩྀགས་སྟེ༎ དཀོན་
(12) འམཆོག་གསུམའ་གྱྀ་རྟེན་བཙུགས་པ་དང༎ ཡབ། ཁྲྀ་སྲོང་ལྡེ་
(13) 'brtsan' གྱྀ་རིང་ལ༎ བྲག་མར་གྱྀ་བསམ་ཡས་ལས་སྩོགས་
(14) པ། དབུང་མཐར་གཙུག་ལག་ཁང་བརྩྀགས་སྟེ༎ དཀོན་
(15) མཆོག་གསུམ་གྱྀ་རྟེན་བཙུགས་པ་དང༎ ལྷ་བཙན་པོ། ཁྲི།
(16) ལྡེ་སྲོང་བརྩན་གྱྀ་རིང་ལ་ཡང༎ སྐར་ཅུང་གཙུག་ལག་ཁང་
(17) ལས་སྩོགས་པ་བརྩྀགས་སྟེ༎ དཀོན་མཆོག་གསུམ་གྱྀ་རྟེན་
(18) བཙུགས་པ་ལས་སྩོགས་པ༎ གདུང་རབས་རྒྱུད་ཀྱྀས།
(19) འདྀ་ལྟར་སངས་རྒྱས་ཀྱྀ་ཆོས་མཛད་པ་འདི༎ ནམ་དུ་ཡང་མ་
(20) ཞྀག། མ་བཏང་ན༎ ལེགས་པ་དཔག་དུ་མྱེད་པར་འགྱུར༎
(21) བཏང་སྟེ། ཞྀག་གམ། མྱེད་པར་གྱུར་ན༎ སྡིག་པ་གྲངས་མྱེད་
(22) པར་འོང་བས༎ ད་ཕྱྀན་ཆད་ནམ་ནམ་ཞ་ཞར༎ འཕྲུལ་གྱྀ་ལྷ་
(23) བཙན་པོ། ཡབ། ཁྲྀ་སྲོང་ལྡེ་བརྩན་གྱྀ་རིང་ལ༎ དཀོན་མཆོག་
(24) གསུམ་གྱྀ་རྟེན་བཙུགས་པ་དང། སངས་རྒྱས་ཀྱྀ་ཆོས་མཛད་པ་
(25) མྱྀ་གཏང་མ་ཞིག་པར༎ གདུང་རབས་རྒྱུད་ཀྱྀས་ཡི་དམ་བཅའོ་
(26) ཞེས་འབྱུང་བ་ལས་སྩོགས་པ༎ བཙན་པོ་ཡབ་སྲས༎ རྗེ་
(27) བློན། ཀུན་ཀྱྀས་དབུ་སྙུང་དང་བྲོ་བོར་ཏེ༎ གཙིགས་ཀྱྀ་ཡི་གེ་དང།
(28) རྡོ་རྀངས་ལ་བྲིས་པ་བཞྀན་དུ་ཡང་མཛད་དོ༎ འདྀ་ལྟར༎ ཡབ་
(29) མྱེས། གདུང་རབས་རྒྱུད་ཀྱྀས༎ དཀོན་མཆོག་གསུམ་གྱྀ་རྟེན་
(30) བཙུགས་ཤྀང། སངས་རྒྱས་ཀྱྀ་ཆོས་མཛད་པ་འདི༎ གཅེས་སྤྲས་ཅྀ་
(31) ལ་ཡང། སྡྀག་གོ་ཞེའམ། མ་ལེགས་སོ་ཞེས༎ མོ་དང་རྨྱི་ལྟས་ལས་
(32) སྩོགས་སྟེ། ཅྀའི་ཕྱིར་ཡང་རུང་སྟེ། མྱྀ་གཞིག་གོ། མྱྀ་སྤང་ངོ༎ དེ་སྐད་
(33) ཅེས། ཆེ་ཆུང་སུས་གསོལད་ཀྱྀས་ཀྱང། དེ་ལྟར་མྱི་མཛད་དོ༎ བཙན་
(34) པོ་དབོན་སྲས༎ སྐུ་ཆུ་ངུར་བཞུགས་པ་ཡན་ཅད༎ ཆབ་སྲྀད་ཀྱི་
(35) མངའ་བདག་མཛད་པ་མན་ཆད་ཀྱང༎ དགེ་སློང་ལས། དགེ་བའྀ་
(36) བཤེས་ཉེན་བསྐོས་སྟེ། ཆོས་ཐུགས་སུ་ཅྀ་ཆུད་ཆུད་དུ་བསླབ་ཅིང༎ བོད་
(37) ཡོངས་ཀྱྀས་ཀྱང་ཆོས་སློབ་ཅིང་སྤྱད་པའྀ་སྒོ་མྱི་གཅད། ནམ་དུ་ཡང་བོད་ཡ་
(38) རབས་མན་ཅད། བོད་འབངས་ལས་ཐར་པར་གཟུད་པའྀ་སྒོ་མྱི་བགག་
(39) པར། དད་པའྀ་རྣམས་ལས་ཐར་པར་བཙུད་དེ༎ དེའི་ནང་ནས་
(40) ནུས་པ་ལས༎ བཅོམ་ལྡན་འདས་ཀྱྀ་རིང་ལུགས་རྟག་དུ་བསྐོ་
(41) ཞྀང༎ བཅོམ་ལྡན་འདས་ཀྱྀ་རིང་ལུགས་བྱེད་པའྀ་རྣམས་ཆོས་འཁོར་
(42) ནས་བྱའོ་ཅོག་གྀ་བཀའ་ལ་ཡང་བཏགས་སྟེ༎ ཆོས་འཁོར་གྱྀ་ལས་དང་
(43) དབང་བྱེད་ཅྀང། དགེ་བའྀ་བཤེས་ཉེན་བྱེད་པར་བསྐོའོ༎ རབ་དུ་བྱུང་བའྀ་
(44) རྣམས༎ ངེད་ཡབ་སྲས་ཀྱྀས། མཆོད་གནས་སུ་གནང་བ་བཞྀན་དུ་བྱས་
(45) སྟེ༎ བཙན་པོའི། ཕོ་བྲང་ན་དཀོན་མཆོག་གསུམ་གྱྀ་རྟེན་བཙུགས་ཤྀང།
(46) མཆོད་པ་ཡང༎ གུ་དུ་མྱྀ་སྤང་མྱི་བསྐར་ཞྀང་མཆོད་གནས་སུ་བགྱྀའོ༎
(47) མདོར་ན༎ བཙན་པོའྀ། ཕོ་བྲང་དང། བོད་ཁམས་ན། དཀོན་མཆོག་གསུམ་མྱེད་
(48) པ་དང། སྤང་བའྀ་ཐབས་ཅྀ་ཡང་མྱྀ་མཛད་དོ༎ ཡབ་མྱེས་དབོན་སྲས་
(49) གང་གྀ་རིང་ལ་ཡང་རུང་སྟེ། དཀོན་མཆོག་གསུམ་གྱྀ་རྐྱེན་བཅད་པའི་རྣམས་
(50) ཀྱང་མ་དམའས་མ་ཞྀག་པའྀ་ཆོས་སུ༎ ལྷ་རྀས་ཀྱི་ཁྱྀམ་ཡྀག་གྀ་མགོ་ནན་ལས་
(51) འབྱུང་བ་བཞྀན་དུ་ཆིས་མཛད་དོ༎ ད་ཕྱྀན་ཆད་གདུང་རབས་རེ་རེ་ཞིང་ཡང།
(52) བཙན་པོ་ཡབ་སྲས་ཀྱྀས། འདྀ་བཞིན་དུ་ཡྀ་དམ་བཅའོ༎ དེ་ལས་མནའ་ཁ་
(53) དབུད་པ་དག་མྱྀ་བགྱྀ་མྱི་བསྒྱུར་བར༎ འཇྀག་རྟེན་ལས་འདས་པ་དང། འཇྀག་
(54) འརྟེན་གྱྀ་ལྷ་དང་མྱྀ་མ་ཡྀན་པ་ཐའམས་ཅད་ཀྱང། དཔང་དུ་གསོལ་ཏེ༎ བཙན་པོ།
(55) འརྗེ་བློན་ཀུན་ཀྱྀས་ཀྱང། དབུ་སྙུངའ་དང། བྲོ་བོར་རོ། གཙིགས་བརྣནད་པའྀ་
(56) འྱྀ་གེ་ཞིབ་མོ་ནིའ། ཡབ་ཀྱྀ་རིང་ལ་གཙྀགས་ཀྱྀ་ཡི་གེ་བྲྀས་པའི་ཟླ[z]la []
(57) འབཞག་གོའ༎