1. Content : First inscription at Ldan ma brag
2. Location : Ldan ma brag tsa near the village of Ri mda' in the disctrict of Byams mdun under the jurisdiction of Chamdo 97.5° longitude 30.5° latitude
3. Date : 804?
4. Condition : extant
5. Photos / Rubbings :
6. References :
Chab spel (1988) [*], Richardson (1988) [*], Heller (1994b) [*], Heller (1997) [*].
(1) འ༎ དམ་པའྀ་ཆོས་ཀྱི་མདོ་ནི། འ་
(2) འསེམས་ཅན་ཐམས་ཅད་ལ་ཡང་སངས་རྒྱས་ཀྱི་རང་བཞིན་དྲན་ཞྀང་ཤེས་པའི་སེམས་རེ་རེ་ཡོད་དེ། འ་
(3) འསེམས་དེ་ནི་མཁན་པོ་དང་ལྷས་ཀྱང་མ་བྱས་ཕ་མ་ལས་ཀྱང་མ་སྐྱེས། འ་
(4) འཐོག་མའྀ་མཐའ་མྱའི་རྙེད་པ་ནས་ཀྱང་ཡོང་ནས་ཡོད། འ་
(5) འམཐར་ཀྱང་ཤྀང་བའྀ་མ་མྱེད་པར་ཡང་མྱཱི་འགྱུར་ཏོ། འ་
(6) འསེམས་དེས་དགེའ་བ་རྒྱ་ཆེར་སྤྱད་དེ་སེམས་ཅན་ཀུན་ལ་ལེགས་པ་བྱས་ཤྀང་དམ་པའི་ཆོས་བྱིན་བ་དང། འ་
(7) འསེམས་རྣམ་པར་སྤྱངས་པས་ན། འ་
(8) འསངས་རྒྱས་དང་བྱང་ཆུབ་སེམས་དཔར་རྒུབ་ནས། འ་
(9) འསྐྱེ་བ་དང་རྒ་བ་དང་ན་བ་དང་ཤྀ་བ་ལས་ཐར་ཏེ་བླ་ན་མེད་པའྀ་བདེ་སྐྱིད་བ་ཐོབ་བོ། འ་
(10) འསེམས་དེས་ལེགས་ཉེས་འདྲན་མར་སྤྱད་ན་ལྷ་དང་མྱྀའི་གནས་སུ་སྐྱེ་འོ། འ་
(11) འསྡིག་པ་དང་མྱྀ་དགེའ་བའྀ་ལས་ཆེར་སྤྱད་པ་ན། འ་
(12) འསྡིག་ཡུལ་སེམས་ཅན་དམྱལ་བ་ལས་རྩོགས་པར་སྐྱེས་ཏེ་སྡུག་བསྔལ་བའྀ་ནང་དུ་རྒྱུན་ཏུ་འཁོར་རོ། འ་
(13) འདེ་བས་ན་བདག་གྀ་སེམས་ལ་བླ་ན་མྱེད་པའྀ་བྱང་ཅུབ་མན་ཅད་ཀྱང་ཡོད། འ་
(14) འསེམས་ཅན་དམྱལ་བ་ཡེང་ཆད་ཀྱང་ཡོད་པ་ཡིན་ནོ། འ་
(15) འདམ་པའྀ་ཆོས་ཀྱི་བདུད་རྩྀ་མྱོང་ན་སྡུག་བསྔལ་ཐམས་ཅད་ལས་ཐར་པའྀ་ས་མྱོད་དོ་ཡུན་དུ་བདེ་སྐྱིད་པའྀ་གནས་མྱང་ཐོབ་པའྀ་ཕྱི་དོ། འ་
(16) འདེ་བས་ན་སེམས་ཅན་ལ་དམ་པའི་ཆོས་གཅེས་ཏེ། འ་
(17) འམ་མ་ཆིས་པ་མྱྀ་ཏུང་ངོ། འ་
(18) འམདོར་སྤྲོས་པར་ཉད་དེ་བདག་དང་གཞན་གྱི་དོན་ལ་རྒྱང་རིང་པོ་དང། འ་
(19) འཆེད་ཀ་ཆེན་པོ་ལ་རྟོགས་ཉེ་ཞིབ་དེ་དགེའ་བའྀ་བཤེས་གཉེན[gnye]n ལ་དྲིས་ཤྀག་འ་
(20) འདམ་པའྀ་ཆོས་ཀྱྀ་ཡི་གེ་ལ་ཡང་རྟོགས་ཤྀག་དང་ཁོང་དུ་ཆུས་པར་འགྱུར་རོ། ༔། འ་